新任教师听课反馈.doc

新任教师听课反馈.doc

ID:54321735

大小:30.00 KB

页数:2页

时间:2020-04-15

新任教师听课反馈.doc_第1页
新任教师听课反馈.doc_第2页
资源描述:

《新任教师听课反馈.doc》由会员上传分享,免费在线阅读,更多相关内容在教育资源-天天文库

1、སྤྱི་ལོ2013---2014ལོའི་དགེ་རྒན་གསར་པའི་སློབ་གོང་ཟབ་སྦྱོང་གི་སློབ་ཁང་སློབ་ཁྲིད་ལ་ཉན་ཞིབ་བྱས་པའི་ཆ་འཕྲིན་ལྡོག་ལན།ཐེངས་འདིའི་སློབ་ཁང་སློབ་ཁྲིད་ལ་ཉན་ཞིབ་བྱ་ཡུལ་གྱི་དགེ་རྒན་ནི་ཞོལ་སློབ་ཆུང་གི་རྒན་བཀྲ་ཤིས་ལྷ་མོ་དང་།བློ་བཟང་མཐར་ཕྱིན།དཔལ་སྡིངས་སློབ་ཆུང་གི་རྒན་ཚེ་རིང་ནོར་སྒྲ

2、ོན།ཧའེ་ས་སློབ་ཆུང་གི་རྒན་བསྟན་འཛིན་སྒྲོལ་མ་ལགས་བཅས་རེད།འོན་ཀྱང་ཧའེ་ས་སློབ་ཆུང་གི་རྒན་བསྟན་འཛིན་སྒྲོལ་མ་ལགས་ནི་ཁྲེང་ཀོན་ཆུས་སློབ་གསོ་སློབ་ལུས་རྩལ་ཅུད་ཀྱི་བཀོད་སྒྲིག་ལྟར་ཟབ་སྦྱོང་གི་བྱེད་སྒོ་གཞན་ཞིག་ལ་སློབ་སྦྱོང་དུ་ཕེབས་པར་རྐྱེན་སློབ་ཚན་ཉན་མ་ཐུབ་པ་ཕུད་གཞན་ཚང་མའི་སློབ་

3、ཁང་སློབ་ཁྲིད་ལ་གཏན་འཁེལ་གྱི་དུས་ཚོད་ནང་ཉན་ཞིབ་བྱས་པ་བརྒྱུད་དགེ་མཚན་གྱི་ཆ་དང་ལྷག་པའི་སྣང་ཚུལ་སོགས་ལ་དཔྱད་གཞིའི་ཚུལ་དུ་ཕྱོགས་བསྡོམས་མདོར་བསྡུས་ཤིག་ཞུས་ན་འདི་ལྟ་སྟེ།གཅིགདགེ་མཚན་གྱི་ཆ།1.སློབ་གྲྭ་ཚང་མས་སློབ་གྲྭའི་དབུ་ཁྲིད་དང་སློབ་དཔྱོད་ཚོ་ཆུང་གི་འགན་འཛིན་མི་སྣ།དེ་བཞིན་དག

4、ེ་རྒན་གཞན་སོགས་སློབ་ཚན་ཉན་ཞིབ་བྱེད་པར་བཀོད་སྒྲིག་བྱས་ཐོག་ཁྱོན་ཡོངས་ནས་དགེ་རྒན་གསར་པའི་སློབ་ཚན་འཁྲིད་ཐབས་ལ་རང་སོའི་ལྟ་ཚུལ་གླེང་བ་དང་རེ་བ་འདོན་པ་སོགས་གནང་སྟེ་ཐེངས་འདིའི་དགེ་རྒན་གསར་པའི་སློབ་ཁང་སློབ་ཁྲིད་ལ་ཉན་ཞིབ་བྱེད་པའི་ལས་དོན་ལ་མཐོང་ཆེན་དང་དོ་ཁུར་གནང་བ།2.སློབ་ཚན་འཁྲ

5、ིད་མཁན་གྱི་དགེ་རྒན་ཚང་མས་སློབ་ཚན་སྔོན་གྱི་གྲ་སྒྲིག་ལས་དོན་ལ་དམ་དོན་གང་ལེགས་གནང་སྟེ་ཚང་མས་སྨྱན་ཆས་སྤྱོད་ཐུབ་པ་དང་།སློབ་མའི་དངོས་ཡོད་ལ་རྒྱུས་ལོན་ཡོང་ཐབས་ཀྱིས་ལྷུ་ཚིགས་ཁག་ཅུང་ཁ་གསལ་བའི་སྒོ་ནས་སློབ་ཁྲིད་དམིགས་ཚད་ཀྱི་རེ་བ་ལྟར་འཆར་ཟིན་བཟོ་འགོད་གནང་ཡོད་པ་མ་མ་ཟད།སློབ་ཚན་གྱི

6、་གཙོ་གནད་དང་དཀའ་གནད་ཅུང་འབུར་དུ་ཐོན་པ།དམིགས་ཡུལ་ཅུང་ཁ་གསལ་བའི་སྒོ་ནས་སློབ་མའི་སྦྱང་ཚན་བསྐུར་བཅོས་ལ་མཐོང་ཆེན་བཅས་གནང་ཐུབ་པ་བྱུང་འདུག3.དགེ་རྒན་ཚང་མས་སློབ་ཁང་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་སློབ་མའི་ནུས་པ་བསྔོག་སྤེལ་ལ་ཅུང་དམ་དོན་ཆེ་2བ་དང་སློབ་མའི་ཡི་གེ་འབྲི་ཀློག་གི་ནུས་པ་ག

7、སོ་སྐྱོང་བྱེད་པའི་ཀུན་སློང་བཟང་བ་མ་ཟད།རང་གིས་མ་ཤེས་པའི་གནད་དག་གཞན་ལ་སྐད་ཆ་འདྲི་བ་སོགས་སློབ་སྦྱོང་བྱེད་སེམས་ཆེ་ལ།སློབ་སྦྱོང་གི་རྣམ་འགྱུར་ལེགས་པ།གཉིས།ལྷག་པའི་སྣང་ཚུལ།1.སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་སློབ་མའི་དངོས་ཡོད་ཀྱི་ཤེས་ཚད་ལ་གཞིགས་ནས་འཁྲིད་བྱའི་ནང་དོན་འཆར་འགོད་བྱེད་

8、མ་ཐུབ་པ་དང་།འཆར་འགོད་ལ་གཞིགས་པའི་བྱ་ཐབས་གདམ་མི་ཐུབ་པའི་སྣང་ཚུལ་མངོན་རྒྱུ་ཡོད་པ།གཞན་ཡང་སློབ་མ་རང་ངོས་ལ་བསམ་གཞིགས་བྱེད་པའི་གོ་སྐབས་ཉུང་བ་དང་

当前文档最多预览五页,下载文档查看全文

此文档下载收益归作者所有

当前文档最多预览五页,下载文档查看全文
温馨提示:
1. 部分包含数学公式或PPT动画的文件,查看预览时可能会显示错乱或异常,文件下载后无此问题,请放心下载。
2. 本文档由用户上传,版权归属用户,天天文库负责整理代发布。如果您对本文档版权有争议请及时联系客服。
3. 下载前请仔细阅读文档内容,确认文档内容符合您的需求后进行下载,若出现内容与标题不符可向本站投诉处理。
4. 下载文档时可能由于网络波动等原因无法下载或下载错误,付费完成后未能成功下载的用户请联系客服处理。