欢迎来到天天文库
浏览记录
ID:39026984
大小:20.02 KB
页数:6页
时间:2019-06-24
《语文人教版七年级下册藏文》由会员上传分享,免费在线阅读,更多相关内容在应用文档-天天文库。
1、སློབ་ཚན་བཞི་བ།དགེ་ལྡན་ལེགས་བཤད།པཎ་ཆེན་བསོད་ནམས་གྲགསཔ།སློབ་ཁྲིད་ཀྱི་དམིགས་ཚད།༡སློབ་ཚན་ལེགས་པར་བསླབ་པ་བརྒྱུད།མཁས་པ་དང་བླུན་པོའི་ཤེས་རྨོངས་ཀྱི་སྤྱོད་པ་ལས་སྤངས་བླང་གི་བྱ་བ་ཕྱིན་ཅི་མ་ལོག་པའི་སློབ་གསོ་དང་སྐུལ་ལྕག་ཡོང་བ་བྱ་རྒྱུ།༢དཔེ་དོན་ཟུང་འབྲེལ་གྱིས་བསྟན་པའི་དོན་རྣམས་རྟོགས་པར་བྱ་རྒྱུ།ས
2、ློབ་ཁྲིད་ཀྱི་དཀའ་གཙོ་གནད།༡སློབ་ཚན་ལས་བསྟན་པའི་བླང་དོར་གྱི་གནད་རྣམས་ཇི་བཞིན་རྟོགས་པར་བྱ་རྒྱུ།༢ཚིག་ཉམས་དང་དཔེ་དོན་གྱི་རྩོམ་རྩལ་རྟོགས་པར་བྱ་རྒྱུ།སློབ་ཁྲིད་ཀྱི་བརྒྱུད་རིམ།ཐུན་དང་པོ།དང་པོ།དམིགས་ཚད་གསལ་སྟོན།སློབ་ཐུན་འདིར་ང་ཚོས་སློབ་ཚན་གྱི་ཁ་བྱང་ལ་རྒྱུས་ལོན་གསལ་བོ་ཞིག་བྱ་རྒྱུ་དང་།རྩོམ་པ་
3、པོའི་ལོ་རྒྱུས་མདོར་བསྡུས།སློབ་ཚན་གྱི་ཀློག་ལ་བྱང་བ་བཅས་བྱ་རྒྱུ།གཉིས་པ།སློབ་ཁྲིད་ཀྱི་ནང་དོན་གསར་བ།༡སློབ་ཚན་གྱི་ཁ་བྱང་འགྲེལ་རྒྱུ།༼དགེ་ལྡན་ལེགས་བཤད་༽ཅེས་པའི་མིང་ཆ་ཚང་ལ་༼མཁས་པ་དང་བླུན་པོ་བརྟག་པའི་བསྟན་བཅོས་དགེ་ལྡན་ལེགས་བཤད་པདྨ་དཀར་པོའི་ཆུན་པོ༽ཞེས་ཟེར།བསྟན་བཅོས་ཧྲིལ་བོ་ལ་ཤོ་ལོ་ཀ་བརྒྱ་དང
4、་ཉེར་ལྔ་ཡོད།༢རྩོམ་པ་པོ་ངོ་སྤྲོད།པཎ་ཆེན་བསོད་ནམས་གྲགས་པ།དགའ་ལྡན་ཁྲི་ཐོག་བཅོ་ལྔ་བ།ཁོང་ནི་1478ལོར་བོད་ལྗོངས་ལྷོ་ཁ་རྩེད་ཐང་དུ་སྐུ་འཁྲུངས་པ་དང་།སེ་ར་དང་འབྲས་སྤུངས་ཀྱི་མཁན་པོ་དང་དགའ་ལྡན་ཁྲི་བ་མཛད།1554ལོར་སྐུ་གཤེགས།ཁོང་ལ་གསུང་རྩོམ་པོད་དྲུག་ཡོད་པའི་ནང་༼དེབ་ཐེར་དམར་པོ་གསར་མ་༽དང་༼བསྟན་བཅོས་
5、རིན་ཆེན་ཕྲེང་བ༽༼བསྟན་རྩིས་རིན་ཆེན་ཕྲེང་བ༽༼རྒྱུད་སྡེ་སྤྱིའི་རྣམ་བཤད༽༼དགེ་ལྡན་ལེགས་བཤད༽སོགས་མང་པོ་ཡོད།༣སློབ་ཚན་གྱི་ཀློག་ལ་འཇུག་རྒྱུ།སློབ་གྲོགས་རེ་འགའ་རྩ་འཛུགས་བྱས་ནས་སློབ་ཚན་ཡང་ཡང་ཀློག་ཏུ་འཇུག་རྒྱུ་དང་།དེའི་ཞོར་དུ་སློབ་ཚན་ཁྲོད་ཀྱི་དཔེ་དཔེ་ཅན་ངོས་འཛིན་བྱ་རྒྱུ་དང་།གོ་དཀའ་བའི་ཐ་སྙད་དག་
6、ལ་ལོགས་སུ་རྟགས་རྒྱག་རྒྱུ།གསུམ་པ།དུས་ཐོག་སྦྱོང་བརྡར།སྦྱང་གཞིའི་ལྷན་ཐབས་ཀྱི་རྨང་གཞིའི་སྐོར་མཉམ་སྒྲུབ།བཞི་བ།སྦྱང་བྱ་བཀོད་སྒྲིགཀློག་པ་དང་འབྲི་བའི་ཐ་སྙད་འགའ་བསལ་ནས་ཚིག་སྒྲིག་ཏུ་འཇུག་རྒྱུ།ལྔ་བ།སམ་ངོས་བཀོད་སྒྲིགསློབ་ཚན་བཞི་བ།དགེ་ལྡན་ལེགས་བཤད།པཎ་ཆེན་བསོད་ནམས་གྲགསཔ།༡སློབ་ཚན་གྱི་ཁ་བྱང་འགྲེལ
7、་རྒྱུ།༢རྩོམ་པ་པོ་ངོ་སྤྲོད།༣སློབ་ཚན་གྱི་ཀློག་ལ་འཇུག་རྒྱུ།ཐུན་གཉིས་པ།དང་པོ།དམིགས་ཚད་གསལ་སྟོན།སློབ་ཐུན་འདིར་ང་ཚོས་སློབ་ཚན་གྱི་ཚིག་དོན་རེ་རེ་འགྲེལ་རྒྱུ་དང་།དཔེ་དཔེ་ཅན་ངོས་འཛིན།ཤོ་ལོ་ཀ་རེ་རེའི་བསྟན་དོན་ཤེས་པར་བྱ་རྒྱུ།གཉིས་པ།སློབ་ཁྲིད་ཀྱི་ནང་དོན་གསར་བ།༡ཤོ་ལོ་ཀ་དང་པོ།མཁས་པ་ཡོན་ཏན་ཀུན་ལྡན
8、་པས།།གང་དུ་ཕྱིན་པ་དེ་རུ་བྲིན།།རྟ་
此文档下载收益归作者所有