欢迎来到天天文库
浏览记录
ID:39366542
大小:26.00 KB
页数:7页
时间:2019-07-01
《语文人教版三年级下册藏文》由会员上传分享,免费在线阅读,更多相关内容在应用文档-天天文库。
1、སློབ་ཁྲིད་གྲ་སྒྲིག་ཟིན་ཐོ།སློབ་ཚན་བཅོ་བརྒྱད།་པ།ལེགས་བཤད་ཚན་པ་གཉིས།དང་པོ།སློབ་ཁྲིད་ཀྱི་དམིགས་ཚད།༡ཤེས་བྱའི་དམིགས་ཚད།ཡིག་གསར་༧ཀློག་ཤེས་པ་དང་འབྲི་ཤེས་པ།དོན་ཤེས་པ་བྱ་རྒྱུ།༢རིགས་སྟོབས་དམིགས་ཚད།སློབ་ཚན་སྒྲ་དག་ཅིང་ཚིག་གི་གཅོད་མཚམས་འགྲིག་པའི་སྒོ་ནས་ཀློག་འདོན་ཡང་ཡང་
2、བྱས་ནས་བློར་འཛིན་དགོས།༣བརྩེ་སེམས་དམིགས་ཚད།ཡོན་ཏན་སློབ་པར་འབད་བརྩོན་དགོས་པ་དང་ཡོན་ཏན་ཡོད་པར་ང་རྒྱལ་མི་སྐྱེས་པ་བརྩེ་བས་སྒོ་ནས་ཡོན་ཏན་དབེན་པར་དག་བསྐྱང་པ།གཉིས་པ།སློ་ཁྲིད་ཀྱི་གཙོ་གནད།སྒྲ་དང་ཚིག་གི་གཅོད་མཚམས་འགྲིག་པའི་ནས་སློབ་ཚན་ཀློག་ཐུབ་་རྒྱུ།གསུམ་པ།སློབ་ཁྲིད་ཀ
3、ྱི་དཀའ་གནད།རང་གི་སྐད་ཆས་སློབ་ཚན་གྱི་བསྟན་དོན་བཤད་ཤེས་རྒྱུ།མི་སུ་ཞིག་ཡིན་ཡང་ཡོན་ཏན་ལ་འབད་དགོས་པ་དང་ཡོན་ཏན་ཡོད་པ་ཙམ་གྱིས་མི་ཆོག་པར་རང་གཤིས་ཀྱང་བཟང་དགོས་པའི་གནས་ལུགས་ཤེས་རྒྱུ།བཞི་བ།འཁྲིད་ཐབས།བློ་སྒོ་འབྱེད་པའི་འཁྲིད་ཐབས་དང་མཉམ་ཞུགས་ཀྱི་འཁྲིད་ཐབས།ལྔ་བ།སློབ་ཐབས།
4、སློབ་ཚན་གྱི་ཀློག་སྟངས་བྱང་ཆུད་པར་བྱེད་པ།དཔེ་དང་དཔེ་ཅན་གྱི་སྟེང་ནས་དོན་གོ་བར་བྱེད་པ།རྗེས་ཕྱོགས་ཀྱི་འཚོ་བའི་ཁྲོད་དུ་ལག་ལེན་བྱེད་པ།དྲུག་པ།འཁྲིད་ཆས་གྲ་སྒྲིགསྨྱན་མང་གཟུགས།བདུནན་པ།སློབ་ཡུན་ཀྱི་དུས་ཚོད་བཀོད་སྒྲིགསློབ་ཐོན་གཅིག་ལ་ཁྲིད་རྒྱུ།བརྒྱད་པ།སློབ་ཁྲིད་ཀྱི་ནང་
5、དོན།༡༨ལེགས་བཤད་ཚན་པ་གཉིས།ཡོན་ཏན་མེད་པའི་སྐྱེ་བོ་དེ།།ང་རྒྱལ་མགོ་འཕངས་ཅི་ལས་མཐོ།།འབྲས་བུ་བཅུད་ཀྱིས་མ་བཟུང་བའི།།ལྗོན་པ་རེངས་པའི་ཆོས་ཉིད་ཡིན།།ཀླད་ཆུང་རང་བཞིན་ངན་པ་ལ།།ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས།།རྩ་བ་དུག་ཏུ་གནས་པ་ཡི།།མེ་ཏོག་མཛེས་ཀྱང་སུ་ལ་མཁོ།།དགུ་བ།སློབ་ཁྲིད་ཀྱི
6、་འཆར་འགོད།གཅིགཁ་བྱང་འགྲེལ་བཤད།ལེགས་བཤད།——①སློབ་གསོ་གཏོང་བའི་གོ་དོན་དང་ལྡན་་པའི་ཚིགས་བཅད།②ཚིག་གི་སྡེབ་ལེགས་ཤིང་དོན་ལ་འཁྲུལ་བ་མེད་པའི་ཚིག་གམ་རྩོམ་གྱི་མིང་།ཚན་པ——དུམ་བུ།གཉིས——གྲངས་ཀྱི་གཉིས།གཉིས།ཐ་སྙད་ཀྱི་ཀློག་སྟངས།སྐྱེ་བོ།བཅུད།རེངས།དུགཆོས་ཉིད།ཀླད་ཆུང་།རང་བཞིན
7、།།གསུམ།གོ་དཀའ་བའི་མིང་དང་ཐ་སྙད་ཀྱི་འགྲེལ་བཤད།སྐྱེ་བོ——མིའི་སྤྱི་མིང་།བཅུད——རྩི་ཤིང་སྐྱེ་བར་ཕན་པའི་མིང་།དུག——སྐྱེས་ལྡན་ལ་གནོད་པའི་རྫས་རིགས་ཤིག་གི་མིང་།ཆོས་ཉིད——བྱ་དངོས་སོ་སོའི་བར་རང་རང་གི་གཤིས་ན་ཡོད་པའི་འབྲེལ་བའི་མིང་།བཞི།སློབ་ཚན་ཀློག་སྟངས།༡༨ལེགས་བཤད་ཚན་པ་ག
8、ཉིས།ཡོནན་ཏན་མེད་པའི་སྐྱེ་བོ་དེ།།ང་རྒྱལ་མགོ་འཕང་ཅི་ལས་མཐོ།།འབྲས་བུའི་བཅུད་ཀྱིས་མ་བཟུང་བའི།།ལྗོན་པ་རེངས་པ་ཆོས་ཉིད་ཡིན།།ཀླད་ཆུང་རང་བཞི་ངན་པ་ལ།།ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས།།རྩ་བ་དུག་ཏུ་གནས་པ་ཡི།།མེ་ཏོག་མཛེས་ཀྱང་སུ་
此文档下载收益归作者所有