欢迎来到天天文库
浏览记录
ID:38853871
大小:26.50 KB
页数:6页
时间:2019-06-20
《语文人教版部编七年级上册藏文 孔乙己》由会员上传分享,免费在线阅读,更多相关内容在行业资料-天天文库。
1、སློབ་ཚན་བཅུ་དགུ་བ།ཁུང་དབྱི་ཅི།དང་པོ།སློབ་ཚན་གྲོས་གཞི།༡སློབ་ཚན་ངོ་སྤྲོད།ཁུང་དབྱི་ཅི་ལྟ་བུའི་དཔེ་ཆ་བ་ཞིག་གམ།ཡང་ན་ཉམ་ཆུང་ནུས་མེད་ཀྱི་མིའི་ལས་དབང་ནི་སྐབས་དེའི་སྤྱི་ཚོགས་སུ་ཅི་ལྟ་བུ་ཞིག་ཡིན་ནམ།སྒྲུང་གཏམ་འདིས་བྱིས་པ་ཞིག་གི་མཐོང་སྣང་བརྒྱུད་ནས།ང་ཚོར་ཆིང་རྒྱལ་རབས་དུས་མཇུག་གི་འཚོ
2、་བའི་ཟུར་ཞིག་ཚུར་སྣང་བྱས་ཡོད།༢སློབ་ཁྲིད་དམིགས་ཡུལ་དང་རེ་འདུན།སློབ་ཚན་འདི་བསླབས་པ་བརྒྱུད་ནས་རྩོམ་གྱི་བརྗོད་བྱར་གོ་བ་དཔྱིས་ཕྱིན་བླངས་རྗེས།སྒྲུང་གཏམ་གྱི་ངོས་ཐད་ནས་མི་སྣའི་སྣང་བརྙན་དང་།བྱ་བྱེད།གཤིས་ཀ།ཁོར་ཡུག་སོགས་ལ་དབྱེ་ཞིབ་ལེགས་པོ་བཏང་ནས་སློབ་མས་རང་ཉིད་ཀྱི་འབྲི་རྩོམ་ནུས་བ་
3、མཐོར་འདེགས་གཏོང་དགོས།༣སློབ་ཁྲིད་ཀྱི་གཙོ་དཀའ་གནད།སློབ་ཙན་གྱི་དམིགས་ཡུལ་དང་རེ་འསུན་ལེགས་འགྲུབ་བྱ་དགོས།གཉིས་པ།རྩོམ་པ་པོ་དང་བརྩམས་ཆོས་ངོ་སྤྲོད།༢རྩོམ་པ་པོ་དང་བརྩམས་ཆོས་ངོ་སྤྲོད།རྒྱའི་བསླབ་དེབ་ན་གསལ།༢རྩོམ་འབྲི་རྒྱབ་ལྗོངས།《ཁུང་དབྱི་ཅི》ནི་སྐུ་ཞབས་ལུའུ་ཞུན་ལགས་ཀྱིས་1918ལོའི་དགུན
4、་ཁར་བྲིས་ཤིང་།སྐབས་དེར་《ན་གཞོན་གསར་བ》གཡུལ་ས་བྱས་ནས།རིག་གནས་གསར་བའི་ལས་འགུལ་གྱི་འཁྲབ་ཡོལ་ཕྱེས་ཏེ།ཁུང་ཚང་རྩ་སློག་གཏོང་བ་དང་།དམངས་གཙོ་དང་ཚན་རིག་ལ་གོང་བཀུར་བྱེད་པའི་འབོད་སྐུལ་བསྒྲགས་ནའང་།བཀས་བཀོད་རྒྱུད་འཛིན་གྱི་གནའ་གསོའི་རླབས་རྒྱུན་སྔར་བཞིན་ཧ་ཅང་སྨྱོ་ཚབ་ཆེ་བ་དང་།བརྡ་རྙིང་དང
5、་ཕལ་སྐད་བར་གྱི་རྩོད་གླེང་སྔར་བཞིན་ཛ་དྲག་ཆེ་བའི་སྒོ་ནས་སྤེལ་བཞིན་ཡོད།ལུའུ་ཞུན་ནི་བཀས་བཀོད་རྒྱུད་འཛིན་གྱི་གནའ་གསོ་རིང་ལུགས་ཀྱི་ལོག་སྤྱོད་ལ་སྡང་སེམས་ཆེན་པོ་འཆང་མཁན་ཞིག་ཡིན།སྐབས་དེའི་སྤྱི་ཚོགས་སློབ་གསོ་དང་སློབ་གྲྭའི་སློབ་གསོ་ལ་བསམ་གཞིག་གཏོང་བ་དང་།བཀས་བཀོད་རྒྱུན་འཛིན་གྱི་སློ
6、བ་གསོའི་ལམ་ལུགས་དང་ཚན་འབྱེད་རྒྱུགས་འདེམ་ལམ་ལུགས་ལ་དགག་རྒྱག་བྱས་ཡོད་པ་དེའོ།གསུམ་པ།སློབ་ཙན་དབྱེ་ཞིབ།1སྒྲུང་གཏམ་འདི་བཀླགས་པ་བརྒྱུད་ནས།བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་དུས་མཇུག་གི་ཡོན་ཏན་པའི་སེམས་ཁམས་ངོས་འཛིན་ཡོང་བ་བྱས་ཏེ།ཉེ་རབས་ཀྱི་ཀྲུང་གོ་ཇི་ལྟར་རྗེས་སུ་ལུས་པའི་རྒྱུ་མཚན་
7、ལ་བསམ་གཞིག་བྱེད་པར་ཁྲིད་སྟོན་བྱེད་དགོས།2སྒྲུང་གཏམ་གྱི་མཐོང་སྣང་གིས་མི་སྣ་ཞིབ་འབྲི་བྱས་པས།བརྗོད་བྱའི་བསྟན་དོན་མངོན་པར་མཚོན་པའི་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད་དེ།སྒྲུང་གཏམ་འདི་ནི་བྱིས་པ་ཞིག་གི་མཐོང་སྣང་་བརྒྱུད་ནས་ཞིབ་བརྗོད་བྱས་ཡོད།གལ་ཏེ་ཆང་ཁང་གི་སྦྱིན་བདག་གམ་ཡང་ན་མི་གཞན་ཞིག་གི
8、་མཐོང་སྣང་ལྟར་ཞིབ་བརྗོད་བྱེད་པའི་དབང་དུ་བཏང་ན།འགྱུར་ལྡོག་ཇི་འདྲ་ཞིག་འབྱུང་སྲིད་པར་སློབ་མས་ཡིད་འཇོག་བྱེད་པར་ཁྲི
此文档下载收益归作者所有