欢迎来到天天文库
浏览记录
ID:38841482
大小:27.00 KB
页数:5页
时间:2019-06-20
《藏文 羊卓雍措湖》由会员上传分享,免费在线阅读,更多相关内容在行业资料-天天文库。
1、སློབ་ཚན་གཉིས་པ།ཡིད་དུ་འོང་བའི་ཡར་འབྲོག་གཡུ་མཚོ།འཕྲིན་ལས་ཆོས་གྲགས།དང་པོ།སློབ་ཚན་གྱི་གྲོས་གཞི།༡སློབ་ཚན་ངོ་སྤྲོད།སློབ་ཚན་འདིའི་ནང་དུ་ཡར་འབྲོག་གཡུ་མཚོའི་གནས་ཡུལ་དང་།ཆགས་དབྱིབས།ཡུལ་གྱི་རྣམ་པ་སོགས་སྙན་ཞིང་འཇེབས་པའི་ཚིག་གིས་ཇི་མ་ཇི་བཞིན་དུ་བྲིས་ཡོད།སློབ་ཚན་སློབ་སྐབས།ཉམས་ཀྱིས་ཕྱུག་པའི་ཚིག་གི་སྦྱོར་བ་དང་
2、དཔེ་འཇོག་གཟུགས་འགོད་ཀྱི་འབྲི་ཐབས་སྤྱད་ཡོད།གཉིས་པ།རྩོམ་པ་པོ་དང་བརྩམས་ཆོས་ངོ་སྤྲོད།༡རྩོམ་པ་པོ་ངོ་སྤྲོད།འཕྲིན་ལས་ཆོས་གྲགས།1937ལོར་ལྷ་སར་འཁྲུངས།སེ་ར་ཐེག་ཆེན་གླིང་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་སློབ་གཉེར་མཛད།གསུང་རྩོམ་ལ《ངེད་ཀྱི་ཕ་ཡུལ》《བོད་ཀྱི་ཡུལ་སྲོལ་རྣམ་བཤད》《སྲོང་བཙན་སྒམ་པོའི་ལོ་རྒྱུས
3、་ཀྱི་མཛད་རྗེས》《བོད་ཀྱི་གླུ་གར་ལ་རགས་ཙམ་བརྗོད་པ》《ལྷ་སའི་ལོ་རྒྱུས》སོགས་ལྷུག་རྩོམ་དང་ཆེད་རྩོམ་མང་དག་ཅིག་དཔེ་སྐྲུན་བྱས་ཡོད།གཞན།《རྒྱ་བོད་ཚིག་མཛོད་ཆེན་མོ》རྩོམ་སྒྲིག་གི་བྱ་བ་དང་།《ཆུ་ངོགས་གཏམ་རྒྱུད་རྒྱས་པ》ཡིག་བསྒྱུར་གྱི་བྱ་བ་ལའང་ཞུགས།ཁོང་གིས་བོད་ཀྱི་རིག་གནས་ལས་དོན་ཐད་ལ་གྲུབའབྲས་ཆེན་པོ་བཞག་པས་བོད་ལྗོངས་ཇ
4、ོ་མོ་གླང་མའི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་མྱོང་།༢རྩོམ་སྟངས།ཡུལ་སྐོར་ཟིན་ཐོཡུལ་སྐོར་དུ་བསྐྱོད་པའི་ལམ་བར་དུ་མཐོང་ཐོས་བྱུང་བའི་ཡུལ་གྱི་རྣམ་པ་དང་།ཡུལ་སྲོལ་གོམས་གཤིས།ཡུལ་མིའི་ཆ་ལུགས་སོགས་ཞིབ་འབྲི་བྱས་པའི་ལྷུག་རྩོམ་གྱི་རྣམ་པ་ཞིག་ལ་ཟེར།གསུམ།ཐ་སྙད་འགྲེལ་བ།འབའ་ཞིགགཅིག་པུ་དང་རྐྱང་བ་ལ་ཟེར།མནལ་བ།ཉལ་བའམ་གཉིད
5、་པའི་དོན།ཕྱི་ནང་གཉིས།ཕྱི་བ་མུ་སྟེགས་པ་དང་ནང་བ་སངས་རྒྱས།སྔོ་བསངས།ནམ་མཁའི་མངོན་བརྗོད།གཏོས།བོངས་ཚད་ཀྱི་མིང་།དཀན་གཟར།རི་ངོས་གཟར་པོའི་དོན།ལྡེབས།གྱང་ངམ་བྲག་གི་ངོས་ཀྱི་མིང་།སུམ་རྩེན།ལྷ་ཡུལ་གྱི་མངོན་བརྗོད།མཚོ་མ་ཕམ་པ།མངའ་རིས་སྤུ་ཧྲེང་རྫོང་གི་ཁོངས་ཏེ།གངས་རི་རིན་པོ་ཆེའི་འདབ་རོལ་ན་ཡོད།དེ་ནི་མཐོ་ཚད་མཚོ་འཕགས་
6、སྨི4800ཡོད་པའི་སར་གནས་ཤིང་།རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ320ཡོད་པ་དང་གཏིང་ཚད་རིང་ཤོས་སུ་སྨི92ཡོད།དེང་སང་མཚོའི་ཤར་ངོས་སུ་སེ་བ་ལུང་དགོན་པ།ཤར་ལྷོར་མཉེས་མགོ་དགོན་པ།ལྷོར་ཁྲུས་སྒོ་དགོན་པ།ལྷོ་ནུབ་ཏུ་འགོ་ཚུགས་དགོན་པ་བཅས་ཡོད།གནམ་མཚོ་ཕྱུག་མོ།བོད་ལ་ཡོངས་སུ་གྲགས་པའི་མཚོ་ཆེན་བཞིའི་གྲས་ཡིན།ལྷ་ས་ནས་ཐག་མི་རིང་བའི
7、་འདམ་གཞུང་རྫོང་གི་ནུབ་ཕྱོགས་སུ་ཡོད་ཅིང་།མིང་གཞན་ལ་གནམ་མཚོ་ཟེར།མཚོ་དེ་ཡི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1993ཡོད་ཅིང་།རྟ་ཞོན་ནས་མཚོ་སྐོར་ལ་ཕྱིན་ན་ཉིན་བཅུ་གཅིག་ལ་འཁོར་ཟེར་སྲོལ་ཡོད།བོད་ལྗོངས་ཀྱི་ཚྭ་ཡི་ཐོན་ཁུངས་མཐོ་ཤོས་གྲས་ཀྱི་མཚོ་ཞ
此文档下载收益归作者所有