萨迦格言藏文

萨迦格言藏文

ID:81105323

大小:91.26 KB

页数:122页

时间:2022-03-21

萨迦格言藏文_第1页
萨迦格言藏文_第2页
萨迦格言藏文_第3页
萨迦格言藏文_第4页
萨迦格言藏文_第5页
萨迦格言藏文_第6页
萨迦格言藏文_第7页
萨迦格言藏文_第8页
萨迦格言藏文_第9页
萨迦格言藏文_第10页
资源描述:

《萨迦格言藏文》由会员上传分享,免费在线阅读,更多相关内容在教育资源-天天文库

1、ལེགས་བཤད་བསྟན་བཅོས་ཕྱོགས་བསྒྲིགས།དེབ་གཉིས་པ།ས་སྐྱ་ལེགས་བཤད།རྩ་བ་ས་པན་ཀུན་དགའ་རྒྱལ་མཚན།འཇིགས་མེད་རྒྱ་མཚོས་བསྒྲིགས།༄༅།།རྒྱ་གར་སྐད་དུ།སུ་བྷཱ་ཥི་ཏ་རཏྣ་ནི་དྷེ་ནཱ་མ་ཤཱསྟྲ།བོད་སྐད་དུ།ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས།འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གུས་པས་ཕྱག་འཚལ་ལོ།།ལྷ་ཡི་མཆོག་དང་ཀླ

2、ུ་དབང་གྲུབ་པ་རིག་འཛིན་གཙོ།།དྲང་སྲོང་རྒྱས་པ་གྲོག་མཁར་བ་དང་རྐང་མིག་སོགས།།ཀུན་ནས་དགའ་བའི་གཙུག་གི་ནོར་བུས་ཞབས་མཆོད་པ།།འགྲོ་བའི་གཙོ་བོ་ཀུན་མཁྱེན་དེ་ལ་བདག་ཕྱག་འཚལ།།རིག་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་།།འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ།།དམ་པ་རྣམས་ཀྱི་སྤྱོད་ཚུལ་ཅི་འདྲ་ཞིག།བཤད་པ་འདི་ནི་ལེགས་བཤད་རིན་ཆེན་

3、གཏེར།།རབ་བྱེད་དང་པོ།མཁས་པ་བརྟག་པམཁས་པ་ཡོན་ཏན་མཛོད་འཛིན་པ།།དེ་དག་ལེགས་བཤད་རིན་ཆེན་སྡུད།།རྒྱ་མཚོ་ཆེན་པོ་ཆུ་བུའི་གཏེར།།ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ།།སྐྱེ་བོ་ཡོན་ཏན་ཡོད་མེད་པའི།།བླང་དོར་བློ་གྲོས་ལྡན་པ་མཁས།།རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས།།ཁབ་ལེན་རྡོ་ཡི་ལེན་པར་ཤེས།།ལེགས་བཤད་མཁས་པའི་བློ་གྲོས་ཀྱིས།།གོ་ཡི་

4、བླུན་པོས་དེ་ལྟ་མིན།།ཉི་མའི་འོད་ཟེར་ཤར་བ་ན།།འབྱུང་པོའ་ིབྱ་རྣམས་ལོང་བར་འགྱུར།།ཤེབ་རབ་ལྡན་པས་ཉེས་པ་དག།སེལ་བར་ནུས་ཀྱི་བླུན་པོས་མིན།།ནམ་མཁའི་ལྡིང་གིས་དུག་ཅན་སྦྲུལ།།གསོད་པར་ནུས་ཀྱི་ཁྭ་ཏས་མིན།།བློ་གྲོས་ཆེན་པོ་རྒུད་ན་ཡང་།།ལྷག་པར་བློ་གྲོས་སྟོབས་ལྡན་འགྱུར།།རི་དྭགས་རྒྱལ་བོ་བཀྲེས་པ་ན།།གླང་ཆེན་སྤྱི་བོ་མྱུར་ད

5、ུ་འགེམས།།མཁས་པ་བརྩད་ཅིང་མ་དྲིས་པ།།དེ་ཡི་བར་དུ་གཏིང་མི་དཔོགས།།རྔ་ལ་དབྱུ་གུས་མ་བསྣུན་པར།།དེ་སྲིད་གཞན་དང་ཁྱད་ཅི་ཡོད།།རིག་པ་ནངས་པར་འཆི་ཡང་བསླབ།།ཚེ་འདིར་མཁས་པར་མ་འགྱུར་ཀྱང་།།སྐྱེ་བོ་ཕྱི་མར་བཅོལ་བ་ཡི།།ནོར་ལ་རང་ཉིད་ལེན་པ་འདྲ།།ཡོན་ཏན་ལྡན་ན་སྐྱེ་བོ་ཀུན།།མ་བསྡུས་པར་ཡང་རང་ཉིད་འདུ།།དྲི་ལྡན་མེ་ཏོག་རྒྱང་རིང་ཡ

6、ང་།།བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།།མཁས་པའི་ཡོན་ཏན་ཀུན་བསླབས་པ།།མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ།།བློ་ངན་ཤེས་པ་མང་ན་ཡང་།།རྒྱུ་སྐར་བཞིན་དུ་གསལ་མི་ནུས།།མཁས་པ་ཡོན་ཏན་དཔག་མེད་ཀྱང་།།གཞན་གྱི་ཡོན་ཏན་ཆུང་ངུའང་ལེན།།དེ་ལྟར་རྒྱུན་སྤྱད་པ་ཡིས།།མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ།།མཁས་པ་ཤེས་རབ་ཀྱིས་བསྲུངས་ན།།དགྲ་བོ་མ

7、ང་ཡང་ག་ལ་ཚུགས།།འཕགས་རྒྱལ་གྱི་ནི་བྲམ་ཟེའི་བུ།།གཅིག་པུས་དགྲ་བོའ་ིཚོགས་ཀུན་བཅོམ།།བློ་ཆུང་གྲོས་ཉེས་འཁྲུགས་པའི་ཚེ།།བློ་ལྡན་ཐབས་ཀྱིས་བདེ་བར་གསོ།།ཆུ་ཀླུང་རྙོག་པས་ཆུད་་གསན་པ།།ཆུ་དྭངས་ནོར་བུས་དྭངས་པར་བྱེད།།མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང་

当前文档最多预览五页,下载文档查看全文

此文档下载收益归作者所有

当前文档最多预览五页,下载文档查看全文
温馨提示:
1. 部分包含数学公式或PPT动画的文件,查看预览时可能会显示错乱或异常,文件下载后无此问题,请放心下载。
2. 本文档由用户上传,版权归属用户,天天文库负责整理代发布。如果您对本文档版权有争议请及时联系客服。
3. 下载前请仔细阅读文档内容,确认文档内容符合您的需求后进行下载,若出现内容与标题不符可向本站投诉处理。
4. 下载文档时可能由于网络波动等原因无法下载或下载错误,付费完成后未能成功下载的用户请联系客服处理。