欢迎来到天天文库
浏览记录
ID:55917864
大小:32.50 KB
页数:13页
时间:2020-06-14
《教学五个环节.doc》由会员上传分享,免费在线阅读,更多相关内容在教育资源-天天文库。
1、ཁྲེན་ཀོན་ཆུས་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་བྱེད་པའི་སྦྱོར་དངོས་རྗེས་གསུམ་གྱི་བརྒྱུད་རིམ་ཕྲ་ཞིབ་ཅན་དུ་འགྱུར་བར་བྱེད་པའི་དོ་དམ་གྱི་ཐབས་སློབ་སྦྱོང་བྱས་ནས་ཐོབ་པའི་མྱོང་ཚོར།ལྷ་ས་སློབ་འབྲིང་བདུན་པའི་བོད་ཡིག་ཚོགས་ཆུང་།དགེ་མིང་སྤེན་བསོད་ནས།ཆུ་ཤིང་བསྟན་བཅོས་ལས“བྱ་བའི་ཐོག
2、་མར་བསམ་དགོས་ཀྱི།།རྗེས་ནས་འགྱོད་བརྡལ་བླུན་པོའི་རྟགས།།ཤིང་ལ་ཐོག་མར་ཐིགས་འདེབས་ཀྱི།།དྲས་ཤིང་བཏུབས་ནས་འགྱུར་དུ་མེད།།”13ཞེས་གསུངས་པ་ལྟར།སློབ་མ་བཟང་པོ་གསུམ་ལྡན་ཞིག་གསོ་སྐྱོང་བྱེད་དགོས་ན།དགེ་རྒན་གྱིས་དང་ཐོག་མ་ཉིད་ནས་སློབ་ཁྲིད་ཀྱི་ཐབས་ཡང་དག་ལ།རིགས་ལམ་གསལ་བ་དང་།སློབ་མའི་ཆ
3、ུ་ཚད།སློབ་གསོ་རྩ་བ་རིགས་པ།དེ་བཞིན་འབྲེལ་ཡོད་བསླབ་གཞིའི་ཚད་ལྡན་གྱི་དམིགས་ཚད་དང་བཅས་མཐུན་པའི་ཕྱོགས་ཚང་མར་བསམ་གཞིག་སྒོས་ཕྱོགས་བསྡུས་ཀྱིས་འཆར་འགོད་ཡོད་དགོས་པ་དང་།སློབ་ཐུན་མི་རེ་ངོ་རེར་དེར་བསྟུན་གྱི་ཐབས་ཤེས་ཡོད་དགོས་པ་ནི་སློབ་ཁྲིད་ལེགས་འགྲུབ་ཡོང་མིན་དང་།13ཚད་ལྡན་གྱི་སླ
4、ོབ་མ་ཞིག་གསོ་སྐྱོང་བྱེད་ཐུབ་མིན་གྱི་འགག་རྩ་ཡིན་པས་ན།ང་ཚོས་ད་ཐེངས་ཀྱི་དོ་དམ་བྱེད་པའི་ཐབས་ཤེས་སློབ་སྦྱོང་བྱས་པ་དེ་ནི་དགོས་རྒྱུ་སྤགས་ལ་སྤགས་ཁུ་དར་བ་ཞེས་པའི་དཔེ་ལྟར་གནད་དུ་འཁེལ་བ་ཞིག་རེད་འདུགདེར་བརྟེར་དོ་དམ་བྱེད་པའི་ཐབས་ལམ་དེ་དག་སློབ་སྦྱོང་བྱས་པ་དེ་ནི་ཁོ་བོ་ལྟ་བུ་ཆ་བཞ
5、ག་ན།ལྐུགས་པ་ཁ་ཕྱེ་བའི་ལྡེའུ་མིག་ལྟ་བུའི་མྱོང་ཚོར་ཟབ་མོ་བྱུང་བ་སྟེ་གཤམ་གསལ་ལྟར།དང་པོ།13སྦྱོར་དངོས་རྗེས་གསུམ་གྱི་སྦྱོར་བའི་ཐད་ལ།སློབ་ཁྲིད་བྱེད་པའི་བརྒྱུད་རིམ་གྱི་སྦྱོར་བ་དེ་ནི་དེང་སྐབས་སློབ་གསོའི་ཁྲོད་ཀྱི་སྔོན་སྦྱོང་ཟེར་བ་དེ་ཡིན།དགེ་རྒན་གྱིས་སློབ་ཁྲིད་དངོས་མ་བྱས་པའི
6、་གོང་ལ་ངེས་པར་དུ་སློབ་མར“ཟུར་བལྟས་ལེབ་མཐོང”གི་ནུས་པ་ཐོན་ཕྱིར་དྲི་གཞི་འགའ་འམ་ཡང་ན་བྱ་འགུལ་གང་རུང་སྤེལ་བའི་རྣམ་པའི་ཐོག་ནས་སྔོན་སྦྱོང་གི་ནང་དོན་བཀོད་སྒྲིག་བྱེད་དགོས།དེ་ནི་སློབ་ཁྲིད་ཁོང་དུ་ཆུད་པའི་ཐད་ལ་བརྒྱ་ཆ་སུམ་ཅུའི་ཤུགས་རྐྱེན་ཐེབས་པའི་13གནད་འགག་རང་བཞིན་ཡོད་ཙ་ན།སྔོན
7、་སྦྱོང་དང་།སློབ་ཁྲིད་ཀྱི་ནང་དོན་ལ་གཞིགས་ནས་དགེ་རྒན་གྱིས་ཆུང་སར་མིང་ཚིག་རེ་རེ་དང་།ཆེ་སར་འབྲེལ་ཡོད་ཀྱི་ཡིག་ཆ།དཔྱད་གཞི།བསླབ་གཞིའི་དམིགས་ཚད་སོགས་ལ་ནན་ཏན་གྱིས་བལྟས་ནས་ཞིབ་འཇུག་ཚགས་ཚུད་པ་ཞིག་བྱས་ནས་གྲ་སྒྲིག་ལེགས་པར་བྱེད་རྒྱུ་དེ་ནི།ཤིན་ཏུ་ནས་གནད་འགག་ཆེ་བ་ཞིག་ཡིན་ཏེ།བདག་ག
8、ི་ཞིབ་འཇུག་སློབ་མའི་མཛུབ་འཁྲིད་སློབ་དཔོན་ཞུས་ཆེན་ལོ་ཙཱ་བ་བཀྲིས་དཔལ་ལྡན་ལགས་ནས“རྩེ་མོ་ལོ་འདབ་རྒྱས་དགོས་ན།།13རྩ་བར་ཆུ་ལུད་བརླན་གཤེར་གསོག”ཞེས་གསུངས་པ་ལས་སླ
此文档下载收益归作者所有