从草园到三味书屋

从草园到三味书屋

ID:42903702

大小:18.09 KB

页数:5页

时间:2019-09-23

从草园到三味书屋_第1页
从草园到三味书屋_第2页
从草园到三味书屋_第3页
从草园到三味书屋_第4页
从草园到三味书屋_第5页
资源描述:

《从草园到三味书屋》由会员上传分享,免费在线阅读,更多相关内容在教育资源-天天文库

1、༄༅།།ཚིག་རྒྱན་རིག་པའི་ཤེས་བྱ།དང་པོ།སློབ་ཁྲིད་ཀྱི་དམིགས་ཡུལ།རྒྱན་གྱི་མཚན་ཉིད་དང་རྩ་བའི་དཔེར་བརྗོད་དམིགས་སུ་བཟུང་ནས་གོ་དོན་ཤེས་སུ་འཇུག་པ་དང་།དཔེ་དང་དཔེ་ཅན་གཉིས་འདྲ་མཚུངས་སུ་སྦྱོར་སྟངས་གསལ་བོ་ཤེས་པ།གཉིས་པ།སློབ་ཁྲིད་ཀྱི་དཀའ་གཙོ་གནད།༡དཔེ་རྒྱན་དང་།དེའི་བྱེ་བྲག་ཆོས་དཔེའི་གོ་དོན་དང་།ཁྱད་ཆོས་སོགས་ཤེས་སུ་འཇུག

2、་པ།༢དཔེ་རྒྱན་ལས་ཆོས་དཔེའི་དཔེར་བརྗོད་ཀྱི་ཆོས་ཉིད་རང་བཞིན་རྟོགས་པར་བྱ་བ།གསུམ་པ།སློབ་ཁྲིད་ཀྱི་ཡོ་ཆས།སྨྱན་གཟུགས།བཞི་པ།སློབ་ཁྲིད་ཀྱི་བརྒྱུད་རིམ།གཅིགསློབ་ཁྲིད་སྔོན་སྦྱོང་།༡ཅི་ཞིག་ལ་སྙན་ངག་ཟེར།ལན།རྣ་བར་སྙན་ཞིང་ཡིད་འཕྲོག་པའི་ཚིག་སྦྱོར་ལ་སྙན་ངག་ཟེར།༢སྙན་ངག་མེ་ལོང་མའི་རྩོམ་པ་པོ་སུ་ཡིན་ལ།དེ་ཐོག་མར་བོད་ལ་ངོ་ས

3、ྤྲོད་མཛད་མཁན་སུ་ཡིན།ལན།སྙན་ངག་མེ་ལོང་མའི་རྩོམ་པ་པོ་ནི་རྒྱ་གར་གྱི་སློབ་དཔོན་དབྱུག་པ་ཅན་ནམ་དཎྜི་ཟེར་བ་དེ་ཡིན་ཞིང་།ཐོག་མར་བོད་ལ་ངོ་སྤྲོད་མཛད་མཁན་ས་པཎ་ཀུན་དགའ་རྒྱལ་མཚན་ཡིན།༣སྙན་ངག་མེ་ལོང་མ་དུས་ནམ་ཞིག་ལ་མི་སུ་ཞིག་གིས་གནས་གང་ཞིག་ཏུ་ཆ་ཚང་བར་བོད་སྐད་དུ་བསྒྱུར་བ་ཡིན།ལན།དེ་ནི་འགྲོ་མགོན་འཕགས་པའི་དུས་སུ་ལོ་ཙཱ་

4、བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་ཆ་ཚང་བར་བོད་སྐད་དུ་བསྒྱུར་བ་ཡིན།༤སྙན་ངག་མེ་ལོང་ལ་ལེའུ་དུ་ཡོད།ཤོ་ལོ་ཀ་ག་ཚོད་ཡོད།ལན།སྙན་ངག་མེ་ལོང་ལ་ལེའུ་གསུམ་ཡོད་ལ།ཤོ་ལོ་ཀ་༣༦༥ཡོད།༥སྙན་ངག་གི་ལུས་ལ་དབྱེ་ན་གང་དག་ཡོད།གང་དག་ཡིན།ལན།སྙན་ངག་གི་ལུས་ལ་དབྱེ་ན་གསུམ་སྟེ།ཚིགས་བཅད་དང་།ཚིག་ལྷུགསྤེལ་མ་གསུམ

5、་ཡོད།༦སྙན་ངག་གི་རྒྱན་ལ་དབྱེ་ན་དུ་ཡོད།ལན།སྙན་ངག་གི་རྒྱན་ལ་དབྱེ་ན་ཐུན་མོང་བའི་རྒྱན་དང་།ཐུན་མོང་མ་ཡིན་པའི་རྒྱན་གཉིས་ཡོད།༧ཐུན་མོང་བའི་རྒྱན་ལ་དབྱེ་ན་དུ་ཡོད།གང་དག་ཡིན།ལན།ཐུན་མོང་བའི་རྒྱན་ལ་དབྱེ་ན་དོན་རྒྱན་དང་།སྒྲ་རྒྱན།གབ་ཚིག་གི་རྒྱན་བཅས་གསུམ་ཡོད།༨ཅི་ཞིག་ལ་སྙན་ངག་གི་རྒྱན་ཟེར།ལན།སྙན་ངག་མཛེས་པར་བྱེད་པ་ཡི།།ཆ

6、ོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད།།གཉིས།སློབ་ཁྲིད་དངོས་ལ་འཇུག་པ།དཔེ་རྒྱན་གྱི་གོ་དོན་བཤད་པ།དཔེ་དོན་ཐ་དད་བཀོད་པ་ལས།།མཚུངས་པར་རྟོགས་བྱེད་དཔེ་རྒྱན་ཡིན།།ཞེས་དཔེ་དང་དཔེ་ཅན་གཉིས་ངོ་བོ་ཐ་དད་དུ་བཀོད་པ་ལ་བརྟེན་ནས།དེ་གཉིས་མཚུངས་པར་རྟོགས་པར་བྱེད་པ་ནི་དཔེ་རྒྱན་ཡིན།དཔེ་རྒྱན་ལ་དབྱེ་ན་༣༢ཡོད།༡སྐབས་སུ་བབ་པའི་བཤད་བྱ་ནང་དོ

7、ན་ནམ་ཆོས་གང་ཡང་རུང་བ་ཞིག་ལ་དཔེ་ཅན་དང་།དཔེ་ཅན་དེའི་ངོ་བོ་གསལ་བར་སྟོན་པའི་ཆེད་དུ་དངོས་པོ་གཞན་ཞིག་འགོད་པ་ལ་དཔེ་ཟེར།༢མཚུངས་ཆོས་ནི་དཔེ་དང་དཔེ་ཅན་གཉིས་ལ་ཐུན་མོང་དུ་ཡོད་པའི་གཟུགས་དབྱིབས་དང་ཁ་དོགབྱེད་ལས།ཡོན་ཏན་སོགས

当前文档最多预览五页,下载文档查看全文

此文档下载收益归作者所有

当前文档最多预览五页,下载文档查看全文
温馨提示:
1. 部分包含数学公式或PPT动画的文件,查看预览时可能会显示错乱或异常,文件下载后无此问题,请放心下载。
2. 本文档由用户上传,版权归属用户,天天文库负责整理代发布。如果您对本文档版权有争议请及时联系客服。
3. 下载前请仔细阅读文档内容,确认文档内容符合您的需求后进行下载,若出现内容与标题不符可向本站投诉处理。
4. 下载文档时可能由于网络波动等原因无法下载或下载错误,付费完成后未能成功下载的用户请联系客服处理。