欢迎来到天天文库
浏览记录
ID:51778157
大小:175.58 KB
页数:11页
时间:2020-03-07
《唐东杰布课件.pptx》由会员上传分享,免费在线阅读,更多相关内容在教育资源-天天文库。
1、༡༩ཐང་སྟོང་རྒྱལ་པོ།རྩོམ་པ་པོ།དོན་ཡོད་ཞགས་པ།འཁྲིད་མཁན།ཆོས་དབྱིངས་སྒྲོལ་མ།དཔའ་རིས་མི་རིགས་སློབ་འབྲིང་།སློབ་ཐུན་གཉིས་པ།ཐང་སྟོང་རྒྱལ་པོའི་ལོ་རྒྱུས་ངོ་སྤྲོད།ཐང་སྟོང་རྒྱལ་པོ་ནི་སྤྱི་ལོ1361ལ་གཙང་སྟོད་གཡས་རུ་བྱང་མའི་ཆབ་འོག་འོ་བ་ལྷ་རྩེ་རིན་ཆེན་སྡིངས་ཞིང་བའི་ཁྱིམ་ཚང་ཞིག་
2、ཏུ་སྐུ་འཁྲུངས།སྤྱི་ལོ1485ལོར་གཙང་སྟོད་རི་བོར་སྐུ་གཤེགས།ཁོང་གིས་བོད་ཡུལ་དུ་ལྕགས་ཟམ་མང་པོ་བཙུགས་པ་དང་།བོད་ཀྱི་ལྷ་མོའི་སྲོལ་གཏོད།རྒྱ་བཟའ་ཀོང་ཇོ།དྲི་མེད་ཀུན་ལྡན།སྣང་ས་འོད་འབུམ།འགྲོ་བ་བཟང་མོ།ཆོས་རྒྱལ་ནོར་བཟང་།གཟུགས་ཀྱི་ཉི་མ།དོན་ཡོད་དོན་གྲུབ།པད་མ་འོད་འབར་བཅས་ཡིན།ཟུར
3、་བཀོད།བོད་ཀྱི་ཟློས་གར་རམ་ལྷ་མོའི་འཁྲབ་གཞུང་ཆེན་མོ་བརྒྱད།༡.ཐང་སྟོང་རྒྱལ་པོ་ཞེས་པའི་སློབ་ཚན་འདིའི་རྩོམ་པ་པོ་སུ་རེད།༢.སློབ་ཚན་འདིའི་རྩོམ་སྟངས་དང་རྩོམ་ལུས་ཅི་ཡིན།༣.ཐ་སྙད་བློར་འཛིན་བྱས་པ་ཚོད་ལེན་པ།ཞེ་ཚིགམིང་འགྲེལ།19课词语解释.pptx༤.སློབ་ཚན་ཀློག་འདོན་སྐོར།༼སློབ་ཚན་ཁྲིད་ཞ
4、ོར་དུ་ཞིབ་བཤེར་བྱེད་པ།༽བསྐྱར་སྦྱངས།སློབ་ཐུན་འདིར་རང་གྲུབ་ཚན་པ་དང་པོ་ནས་བཞི་བའི་བར་ཁྲིད་རྒྱུ་ཡིན།སློབ་ཚན་གྱི་ནང་དོན་དབྱེ་ཞིབ།རང་གྲུབ་ཚན་པ་དང་པོའི་ནང་དུ་ཐང་སྟོང་རྒྱལ་པོའི་ངོ་སྤྲོད་མདོར་བསྡུས་ཤིག་བྱས་ཡོད།རང་གྲུབ་ཚན་པ་གཉིས་པའི་ནང་དུ་ཐང་སྟོང་རྒྱལ་པོའི་ཁྱིམ་གྱི་ལོ་ར
5、ྒྱུས་བྲིས་ཡོདརང་གྲུབ་ཚན་པ་གསུམ་པའི་ནང་དུ་དགོང་ལོ་ཆུང་དུས་སུ་ཆུ་བོར་བདེ་བླག་ཏུ་བགྲོད་བྱེད་ཀྱི་ཟམ་པ་འཛུགས་པའི་ཕུགས་འདུན་སྐྱེས་པ།སློབ་གཉེར་མཛད་ཚུལ།གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཞེས་པའི་མཚན་གྱི་འབྱུང་ཚུལ་སོགས་བཤད་ཡོད།སློབ་ཚན་གྱི་ནང་དོན་དབྱེ་ཞིབ།རང་གྲུབ་ཚན་པ་བཞི་བའི་ནང་
6、དུ་ཐང་སྟོང་རྒྱལ་པོའི་ལྕགས་ཟམ་འཛུགས་རྒྱུའི་དམ་བཅའ་དེ་ཇི་ལྟར་བྱུང་བའི་སྐོར་བཤད་ཡོད།དྲི་བ་དྲིས་ལན།ཐང་སྟོང་རྒྱལ་པོའི་མིང་གཞན་ལ་ཅི་ཟེར།ཆུང་དུས་སུ་མིང་ལ་ཁྲོ་བོ་དཔལ་ལྡན་ཟེར།རབ་ཏུ་བྱུང་ནས་མིང་ལ་བརྩོན་འགྲུས་བཟང་པོ་ཞེས་གསོལ།གཙང་རྒྱལ་སྡེའི་ཐང་ཁར་བཞུགས་སྐབས།གྲུབ་ཐོབ་ཐང་སྟ
7、ོང་རྒྱལ་པོ་ཞེས་པའི་མཚན་ཐོགས།ཐང་སྟོང་རྒྱལ་པོ་ཚ་ལ་གུང་ཐང་ནས་ལྷ་སར་འབྱོན་པའི་ལམ་བར་གྲུ་དཔོན་ལ་གླ་རྔན་སྤྲོད་རྒྱུ་མེད་པས་གྲུ་དཔོན་གྱིས་ཁོང་གི་དབུ་ལ་གྲུ་ཁེམ་གྱིས་གཞུས་པ་མ་ཟད་ཆུ་ནང་དུ་བསྐྱུར་བ།དེ་བས་ཐུགས་ཡིད་ཕམ་ཞིང་ཉམ་ཐག་སྐྱེ་བོ་དུ་མས་དེ་འདྲའི་བརྙེས་བཅོས་མྱོང་འདུག་པ་
8、སེམས་ནས་ལྕགས་ཟམ་བསྐྲུན་རྒྱུའི་ཀུན་སློང་ངམ་དམ་བཅའ་དེ་སྐྱེས་པ་རེད།ཐོག་མར་ཐང་སྟོང་རྒྱལ་པོས་ལྕགས་ཟམ་འཛུགས་རྒྱུའི་དམ་བཅའ་ཐུགས་ལ་འགོད་པའི་རྒྱུ་རྐྱེན་གང་ཡིན།༡འདེམ་འཇུགཐང་སྟོང་རྒྱལ་པོ་ཞེས་
此文档下载收益归作者所有