欢迎来到天天文库
浏览记录
ID:38939967
大小:1.10 MB
页数:389页
时间:2019-06-21
《大诚法杰什么不知道》由会员上传分享,免费在线阅读,更多相关内容在工程资料-天天文库。
1、ཐེག་པ་ཆེན་པོའི་ཆོས་མངོན་པ་ཀུན་ལས་བཏུས་པ༅།།ཐེག་པ་ཆེན་པོའི་ཆོས་མངོན་པ་ཀུན་ལས་བཏུས་པ་ཞེས་བྱ་བ་བཞུགས་སོ།།༄༅༅།།རྒྱ་གར་སྐད་དུ།ཨ་བྷི་དྷརྨ་ས་མུཙྪ་ཡ།བོད་སྐད་དུ།ཆོས་མངོན་པ་ཀུན་ལས་བཏུས་པ།བམ་པོ་དང་པོ།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།སྡོམ་ནི།དུ་དང་ཅི་ཕྱིར་ཉེར་ལེན་དང༌།།མཚན་ཉིད་དེ་ཡི་རྣམ་གཞག་དང༌།།གོ་རིམས་ད
2、ོན་དང་དཔེ་དབྱེ་དང༌།།བསྡུས་ལ་སོགས་པ་རྣམ་པ་བཞི།།བསྡུས་དང་མཚུངས་ལྡན་ལྡན་པ་དང༌།།རྣམ་པར་ངེས་པ་བཞིར་དབྱེ་སྟེ།།བདེན་དང་ཆོས་འཐོབ་འབེལ་གཏམ་ནི།།རྣམ་པར་ངེས་པའི་དབྱེ་བ་སྟེ།།ཀུན་ལས་བཏུས་པའི་སྤྱི་སྡོམ་ཡིན།།ཕུང་པོ་རྣམས་ནི་དུ།ཁམས་རྣམས་ནི་དུ།སྐྱེ་མཆེད་རྣམས་ནི་དུ་ཞེ་ན།ཕུང་པོ་རྣམས་ནི་ལྔ་སྟེ།གཟུགས་ཀྱི་ཕུང་པོ་དང༌།ཚོར
3、་བའི་ཕུང་པོ་དང༌།འདུ་ཤེས་ཀྱི་ཕུང་པོ་དང༌།འདུ་བྱེད་ཀྱི་ཕུང་པོ་དང༌།རྣམ་པར་ཤེས་པའི་ཕུང་པོའོ།།ཁམས་རྣམས་ནི་བཅྭོ་བརྒྱད་དེ།མིག་གི་ཁམས་དང༌།གཟུགས་ཀྱི་ཁམས་དང༌།མིག་གི་རྣམ་པར་ཤེས་པའི་ཁམས་དང༌།རྣ་བའི་ཁམས་དང༌།སྒྲའི་ཁམས་དང༌།རྣ་བའི་རྣམ་པར་ཤེས་པའི་ཁམས་དང༌།སྣའི་ཁམས་དང༌།དྲིའི་ཁམས་དང༌།སྣའི་རྣམ་པར་ཤེས་པའི་ཁམས་དང༌།ལྕེའི་
4、ཁམས་དང༌།རོའི་ཁམས་དང༌།ལྕེའི་རྣམ་པར་ཤེས་པའི་ཁམས་དང༌།ལུས་ཀྱི་ཁམས་དང༌།རེག་བྱའི་ཁམས་དང༌།ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང༌།ཡིད་ཀྱི་ཁམས་དང༌།ཆོས་ཀྱི་ཁམས་དང༌།ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ།།སྐྱེ་མཆེད་རྣམས་ནི་བཅུ་གཉིས་ཏེ།མིག་གི་སྐྱེ་མཆེད་དང༌།གཟུགས་ཀྱི་སྐྱེ་མཆེད་དང༌།རྣ་བའི་སྐྱེ་མཆེད་དང༌།སྒྲའི་སྐྱེ་མཆེད་དང༌།སྣའི
5、་སྐྱེ་མཆེད་དང༌།དྲིའི་སྐྱེ་མཆེད་དང༌།ལྕེའི་སྐྱེ་མཆེད་དང༌།རོའི་སྐྱེ་མཆེད་དང༌།ལུས་ཀྱི་སྐྱེ་མཆེད་དང༌།རེག་བྱའི་སྐྱེ་མཆེད་དང༌།ཡིད་ཀྱི་སྐྱེ་མཆེད་དང༌།ཆོས་ཀྱི་སྐྱེ་མཆེད་དོ།།ཅིའི་ཕྱིར་ཕུང་པོ་རྣམས་ལྔ་ཁོ་ན་ཞེ་ན།བདག་གི་གཞི་རྣམ་པ་ལྔ་བརྗོད་པའི་ཕྱིར་ཏེ།བདག་གི་གཞི་ལུས་ཡོངས་སུ་བཟུང་བ་དང་བཅས་པ་བརྗོད་པ་དང༌།བདག་གི་གཞི
6、་ལོངས་སྤྱོད་བརྗོད་པ་དང༌།བདག་གི་གཞི་ཐ་སྙད་བརྗོད་པ་དང༌།བདག་གི་གཞི་ཆོས་དང་ཆོས་མ་ཡིན་པ་མངོན་པར་འདུ་བྱེད་པ་བརྗོད་པ་དང༌།བདག་གི་གཞི་དེ་དག་གི་གནས་བརྗོད་པའི་ཕྱིར་རོ།།ཅིའི་ཕྱིར་ཁམས་རྣམས་བཅྭོ་བརྒྱད་ཁོ་ན་ཞེ་ན།ལུས་དང་ཡོངས་སུ་གཟུང་བ་གཉིས་ཀྱིས།འདས་པ་དང་ད་ལྟར་གྱི་ཉེ་བར་སྤྱོད་པ་རྣམ་པ་དྲུག་འཛིན་པའི་ཕྱིར་རོ།།ཅིའི་ཕ
7、ྱིར་སྐྱེ་མཆེད་རྣམས་བཅུ་གཉིས་ཁོ་ན་ཞེ་ན།ལུས་དང་ཡོངས་སུ་གཟུང་བ་གཉིས་ཉིད།མ་འོངས་པའི་ཉེ་བར་སྤྱོད་པ་རྣམ་པ་དྲུག་སྐྱེ་བའི་སྒོའི་ཕྱིར་རོ།།ཅིའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་རྣམས་ཞེས་བྱ་ཞེ་ན།ཉེ་བར་ལེན་པ་དང་ལྡན་པས་དེའི་ཕྱིར་ཉེ་བར་ལེན
此文档下载收益归作者所有